From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནང་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱི་ཡི་ལྡོག་ཟླ་སྟེ་ནང་ལོགས་ཀྱི་མིང།
|
| Keyword
|
True
|
| Example
|
ལས་ཁུངས་ཀྱི་ནང་། ཆུའི་ནང་དུ་མཆོང་། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ལྟ་བུ།
|
| Antonyms
|
ཕྱི།
|
ནང་ (2)
| Part of speech
|
མིང་ཚིག
|
| Definition
|
སྡོད་གནས་སམ་ཁྱིམ་ཚང་གི་དོན་ཏེ།
|
| Example
|
ལས་ཁུངས་གྲོལ་རྗེས་ནང་ལ་འགྲོ་དགོས། སྐྱེས་དམན་དང་བྱིས་པ་ཚོས་ནང་ལ་སྒུག་བསྡད་ཡོད་ལྟ་བུ།
|
ནང་ (3)
| Part of speech
|
མིང་ཚིག
|
| Definition
|
སེམས་ལའང་སྐབས་ཐོབ་ཀྱིས་གོ་བ་ཡོད་དེ།
|
| Example
|
ནང་གི་དེ་ཉིད་ཕྱི་ལ་སྟོན་པ། ཟག་མེད་ནང་གི་བདེ་བ། ནང་གི་འཇིག་རྟེན། བློ་ཁ་ནང་ལ་ཕྱོགས་པ་ལྟ་བུ།
|