32800
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཏགས་པའི་གཟའ་གསུམ་གྱི་ཡ་གྱལ་སྤར་ཁ་བརྒྱད་ལ་སྦྱར་བའི་ནང་གཟའ་གང་ཡིན་པ་དེའི་ཁམས་ལ་ཟེར་ཞིང་། འབྱུང་ཁམས་དེས་ཕྱི་ནང་བར་གྱི་གཟའི་ཁམས་ལ་གཅོད་འདྲལ་བྱས་ནས་རྡེའུ་དཀར་ནག་གང་འབབ་ལ་བརྟག་པ་ནི་རྩ་བའི་ལྷན་ཐབས་ལུགས་ཡིན། གལ་སྲིད་སྐྱེས་སྤར་ལི་ཡིན་པའི་བརྩི་བྱ་སུ་ཞིག་ཕོ་ཡིན་པར་ཆ་བཞག་ན། ནང་གཟའི་ཁམས་ནི་ལི་ལ་སྦྱར་བའི་ནང་གཟའ་སྤེན་པའི་ཁམས་ས་དང་། ཡང་བརྩི་བྱ་དེ་ཉིད་མོ་ཡིན་པའི་དབང་དུ་བཏང་ན། ནང་གཟའི་ཁམས་ནི་ལི་ལ་སྦྱར་བའི་ནང་གཟའ་མིག་དམར་གྱི་ཁམས་མེ་ཡིན་པ་ལྟ་བུ་ཡིན། གཞན་དུ་བརྩི་བྱ་དག་གི་སྐྱེས་སྤར་གྱི་ཁམས་ནི་ནང་གཟའི་ཁམས་ཡིན་པར་ངོས་བཟུང་འདུག་པ་ཡང་ཡོད་ཀྱང་། སྐབས་འདི་གཟའ་བཞིའི་ཀླུང་རྩིས་འཆད་པའི་སྐབས་ཡིན་པས་སྔ་མ་དེ་ལེགས་པར་འདོད། |
| Domain | རྩིས་རིག |