32807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་གཏན་ཁྲིམས་ལྔ་ (1)
Part of speech མིང་ཚིག
Definition བོན། བོན་ཐེག་པ་རིམ་དགུ་ལས་ལྔ་པ་དགེ་བསྙེན་ཐེག་པའི་སྲུང་བྱ་གཙོ་བོར་གྱུར་པའི་ཁྲིམས་ཤིག་སྟེ། དགེ་བསྙེན་གྱི་ཆོ་གའམ་ཡེ་དབྱིངས་ཀྱི་ཆོ་ག་ལས། དགེ་བསྙེན་གྱི་ཁྲིམས་ནོད་པར་བྱ་སྟེ། ཕྱི་ཡི་ཚུལ་གོས་ལྔ་དང་། ནང་གི་གཏན་ཁྲིམས་ལྔ་དང་། ཞེས་སོ། །དགེ་བསྙེན་གྱི་གཏན་ཁྲིམས་ལ་ལྔ་ཡོད་དེ། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་ཁྲིམས་ནི། འདུལ་བ་མདོ་བསྡུས་ཀྱི་འགྲེལ་ལས། གཏན་ཁྲིམས་སྣ་ལྔའི་ཡན་ལག་ལ། དར་ཡུལ་བས་ཆང་བསྲུང་དགོས་གསུངས། ཡར་མེ་བ་དང་གཤེན་སྟོན་སོགས་ཀྱིས་ནི་སྒོག་པ་སྤང་དགོས་གསུངས། ཞེས་སོ། །དེ་ནི་རྩ་བ་བཞིའི་ཐོག་ཏུ་ཡན་ལག་གཅིག་ནི། གཅིག་གིས་ཆང་དང་། གཅིག་གིས་སྒོག་པ་སྤང་དགོས་པ་གསུངས་སོ། །
Domain ཆོས་ལུགས།
ནང་གི་གཏན་ཁྲིམས་ལྔ་ (2)
Part of speech མིང་ཚིག
Definition ཕལ་ཆེར་སྲུང་བའི་དགེ་བསྙེན་གྱི་ཁྲིམས་ལ་གསུམ་ཙམ་ཡོད་དེ། ༡. གཟི་བརྗིད་པོད་གསུམ་པ་ལས། སྲོག་གཅོད་པ་དང་། མ་བྱིན་ལེན་པ། རྒྱུ་འབྲས་མི་བརྩི་ཐོབ་རྫོབས་སུ་སྤྱོད་པ། དྲེགས་པའི་ལས་བགྱི་བར། ཚིག་རྩུབ་མོ། ངག་འཁྱལ། རྫུན། ཕྲ་མ་དང་བཞི་གཅིག་ཏུ་བརྩི་སྟེ། ལྔར་བཞེད་དོ། །རྐྱེན་དུག་ལྔའི་དབང་གིས་སྤྱོད་པ་ལ་བཞག་སྟེ། གཟི་བརྗིད་པོད་གསུམ་པ་ལས། ཞེ་སྡང་གི་དབང་གིས་སྲོག་གཅོད་པ་དང། འདོད་ཆགས་ཀྱི་དབང་གིས་མ་བྱིན་པ་ལེན་པ་དང། གཏི་མུག་གི་དབང་གིས་རྒྱུ་འབྲས་མི་བརྩི་ཐོབ་རྫོབས་སུ་སྤྱོད་པ་དང་། ང་རྒྱལ་གྱི་དབང་གིས་དྲེགས་པའི་ལས་བགྱི་བ་དང་། ཕྲག་དོག་གི་དབང་གིས་ཚིག་རྩུབ་མོ་དང་། ངག་འཁྱལ་བ་དང་། རྫུན་དང་། ཕྲ་མ་སྨྲ་བ་དང་ལྔ་སྤང་པའོ། །ཞེས་སོ། །༢. འདུལ་བ་མདོ་བསྡུས་ཀྱི་འགྲེལ་ལས། རི་ཁྲོད་པས། རྩ་བ་བཞི་དང་། ཁ་ཟས་བཞི་ལ་བཞེད་ཅིང་། ཞེས་སོ། །༣. དེ་ཉིད་ལས། ཡར་མེ་བས་ཡན་ལག་བརྒྱད་དགོས་ཏེ། རྩ་བ་བཞི་དང་། ཡན་ལག་ལ་ཁ་ཟས་བཞི་དང། ལུས་མ་དག་པ་དང་། ངག་མ་དག་པ་དང་། གཞན་ལ་གཡོ་སྒྱུ་སྤྱོད་པ་དང་། རྒྱན་གྱི་རིགས་དང་བརྒྱད་ཡིན་གསུངས་སོ། །ཞེས་སོ། །
ནང་གི་གཏན་ཁྲིམས་ལྔ་ (3)
Part of speech མིང་ཚིག
Definition ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་ཁྲིམས་ནི། དེ་ཉིད་ལས། སྲོག་གཅོད་དང་། མ་བྱིན་ལེན་དང་། རྫུན་སྨྲ་གཞན་བཞིན་སྲུང་ཞིང་། བདག་གིར་བྱས་པ་ལ་མི་ཚངས་པ་སྤྱོད་མ་སྲུང་ཞིང་གཞན་ལ་སྲུང་བ་ཡོངས་སུ་རྫོགས་པའི་དགེ་བསྙེན། ཞེས་སོ། །
ནང་གི་གཏན་ཁྲིམས་ལྔ་ (4)
Part of speech མིང་ཚིག
Definition ཁྲིམས་སྣ་འགའ་སྲུང་བའི་དགེ་བསྙེན་གྱི་ཁྲིམས་ནི། དེ་ཉིད་ལས། སྲོག་གཅོད་དང་། སྒོག་པ་ལ་སོགས་རྩ་བ་དང་ཡན་ལག་དེ་ལ་སོགས་བསྲུང་བྱའི་ཁྲིམས་སྣ་འགའ་སྲུང་བའི་དགེ་བསྙེན། ཞེས་སོ། །
ནང་གི་གཏན་ཁྲིམས་ལྔ་ (5)
Part of speech མིང་ཚིག
Definition དུས་སྣ་འགའ་སྲུང་བའི་དགེ་བསྙེན་གྱི་ཁྲིམས་ནི། དེ་ཉིད་ལས། ར་བ་བཞིའི་ཟླ་བ་རེ་ལ་སོགས་ལ་ཁྲིམས་གང་རུང་སྲུང་བའི་དུས་སྣ་འགའ་སྲུང་བའི་དགེ་བསྙེན། ཞེས་སོ། །