32809
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རིགས་ལྡན་གནས་ལ་བསྙེན་པ་ཞེས་བྱ་སྟེ། བསྒྲུབ་གནས་དེ་ལ་ཡང་ཕྱི་ནང་གསང་གསུམ་ལས། འདིར་གསང་སྔགས་ནང་གི་བསྒྲུབ་གནས་ཀྱི་ཁྱད་པར་རིགས་རྟགས་བཞི་སོགས་ཀྱི་མཚན་མ་དང་ལྡན་པའི་གནས་བཙལ་ཅིང་བསྟེན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གཉིས་པ་ནང་ལྟར་དཔྱད་པ་ནི། འདུག་གནས་གོང་ལྟར་མཚོན་པ་ཡི། ཤར་ཕྱོགས་རིགས་རྟགས་མི་འགྱུར་བ། ཆུ་བོ་ཆུ་བྲན་ལུ་མ་མཚོ། གཡུང་དྲུང་འཁྱིལ་བའི་ཚུལ་དུ་གནས། བྱང་ཕྱོགས་རིགས་རྟགས་མི་འགྱུར་བ། གཡའ་རི་རྫ་ཡི་རི་བོ་ནི། འཁོར་ལོ་འབར་བའི་ཚུལ་དུ་ཆགས། ནུབ་ཕྱོགས་རིགས་རྟགས་མི་འགྱུར་བ། བྲག་རི་ཁ་དོག་སྣ་ལྔ་ལ། པད་མ་སྤུངས་པའི་ཚུལ་དུ་ཆགས། ལྷོ་ཕྱོགས་རིགས་རྟགས་མི་འགྱུར་བ། དཔག་བསམ་ཤིང་གི་ནགས་ཚལ་ནི། རིན་ཆེན་འབར་བའི་ཚུལ་དུ་ཆགས། དབུས་ཕྱོགས་རིགས་རྟགས་མི་འགྱུར་བ། གངས་བྲག་གཡའ་སྤང་ནགས་ཚལ་ནི། མི་ནུབ་རྒྱལ་མཚན་ལྟ་བུར་ཆགས། དེ་ལྟ་བུ་ཡི་གནས་མཆོག་ཏུ། ཞིང་ཁམས་ཟ་འོག་ཁ་དབྱེ་ཚུལ། ཤར་གྱི་ཕྱོགས་མདངས་ནུབ་ཀྱི་ཟེར། གཞའ་ཚོན་ཉི་མའི་དཀྱིལ་འཁོར་སྡུད། རིགས་པ་ལྡན་པའི་གནས་སུ་བཤད། ཅེས་གསལ་བར་གསུངས་པས་ཤེས་ནུས་སོ། ། |
| Domain | ཆོས་ལུགས། |