32816

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་གསལ་བྱེད་མེ་ལོང་པྲ་ཡི་མཆོང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ལས་ཀྱི་མཆོང་དགུའི་ནང་ཚན་ཏེ། དེ་ཡང་རྒྱུན་དུ་ལྷ་སྲུང་གསོལ་མཆོད་དང་བསྙེན་བསྒྲུབ་དྲོད་ཚད་བསྐྱལ་བའི་ནུས་སྟོབས་ལས། རང་ལ་སྲོག་ལུས་མངའ་ཐང་བྱ་བྱེད་སོགས་ཀྱི་འཕེལ་འགྲིབ་དང་འབྲེལ་བའི་ལྷ་བདུད་ཀྱི་ཆོ་འཕྲུལ་དངོས་སམ་ཉམས་སྣང་རྨི་ལམ་དུ་འབྱུང་བ་དེ་དག་ལ་བཟང་ངན་གང་ཡིན་གཏང་བཞག་ཇི་ལྟར་བྱེད་ཐབས་ཀྱི་ཉེར་སྤྱོད་ཡན་ལག་གི་བོན་སྐོར་ཞིག་སྟེ། གསང་འདུས་དོན་རྒྱུད་ལས། ནང་ལྟར་དབལ་མོ་ཕོ་ཉ་སྲུང་མ་ལ། རྒྱུན་དུ་མཆོད་གསོལ་རང་གི་རྒྱུད་ལ་བསྟེན། བསྙེན་བསྒྲུབ་དྲོད་ཚད་ལྷ་བདུད་ཆོ་འཕྲུལ་རྣམས། དངོས་སམ་ཉམས་སྣང་རྨི་ལམ་ཚུལ་དུ་བྱུང་། བཟང་ངན་གཏང་བཞག་ཇི་ལྟར་བྱུང་བཞིན་བསྟེན། དོན་ལ་མི་འགག་ལས་ཀྱི་བརྡ་རྟགས་ཡིན། ལེགས་པར་བརྟགས་པ་ཉེས་པའི་སྐྱོན་འགལ་མེད། སྐྱོན་འགལ་མེད་ན་འབྲས་བུ་གང་བསྒྲུབ་འགྲུབ། ཅེས་པས་སོ། །
Domain ཆོས་ལུགས།