32819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཉེ་བར་འདོགས་པ་ནི། དེ་ལ་རེ་ཞིག་གང་ལ་འདི་ལྟ་སྟེ། བདག་ཅེའམ། སེམས་ཅན་ཞེའམ། འདི་ལྟར་དེའི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་ནས། ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་ཐུབ་ཅེས་བྱ་བའི་བར་དུ་དེ་ལྟར་ཉེ་བར་འདོགས་པ་གང་ཡིན་པ་དེ་ནི་ཉེ་བར་འདོགས་པ་ལས་ནང་ཞེས་བྱའོ། ། མངོན་པར་ཞེན་པ་ནི། གང་ལ་ལ་འདི་ལྟ་སྟེ། ངར་འཛིན་པ་དང༌། ངའོ་སྙམ་པའི་ང་རྒྱལ་གྱིས་མངོན་པར་ཞེན་པ་དེ་ལྟ་བུའི་མངོན་པར་ཞེན་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་མངོན་པར་ཞེན་པ་ལས་ནང་ཞེས་བྱའོ། ། དབང་ནི། གང་གི་དབང་གིས་གཟུགས་དང་སྒྲ་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཉེ་བར་སྤྱོད་པའི་ཕྱིར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་དབང་ལས་ནང་ཞེས་བྱའོ། ། ས་བོན་ཡོངས་སུ་འཛིན་པ་ནི། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་ས་བོན་ཡོངས་སུ་འཛིན་པ་ལས་ནང་ཞེས་བྱའོ། ། དངོས་པོ་ནི། དང་བའི་གཟུགས་རྣམ་པ་ལྔ་པོ་གང་ཡིན་པ་དང༌། སེམས་དང་། ཡིད་དང༌། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དངོས་པོ་ལས་ནང་ཞེས་བྱའོ། །
Domain ཆོས་ལུགས།