32820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་ཆོས་སྤྱོད་ཡན་ལག་བདུན་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བདག་ལ་ཐུགས་རྗེས་བཟུང་དུ་གསོལ་སྙམ་པ༔ བདག་གི་ལུས་འདི་ཤུལ་བས་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་རློབས༔ བདག་ལ་སྡིག་པ་དང་སྒྲིབ་པ་ཅི་མཆིས་པ་ཡི་དམ་ལྷའི་སྤྱན་སྔར་བཤགས་པ༔ ཡི་དམ་ལྷས་འགྲོ་བའི་དོན་མཛད་དུ་གསོལ་སྙམ་པ༔ ཡི་དམ་གྱི་ལྷས་འགྲོ་བའི་དོན་དུ་ཆོས་བཤད་དུ་གསོལ་སྙམ་པ༔ དེ་ལྟར་མཛད་པ་ལ་རེ་ཡིན་རེ་ལེགས་སྙམ་པ༔ དགེ་བའི་རྩ་བ་འདི་བདག་གཅིག་པུའི་དོན་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པའོ༔།
Domain ཆོས་ལུགས།