32822
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣམ་པར་བཤད་པ་རིགས་པའི་བཤད་པ་ལས་བྱུང་བ་སྟེ། ༡ འདོད་ཆགས་ནི་ནང་གི་དྲི་མ་ཡིན་ནོ། །ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། །༢ ཞེ་སྡང་ནི་ནང་གི་དྲི་མ་ཡིན་ནོ། །ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། །༣ གཏི་མུག་ནི་ནང་གི་དྲི་མ་ཡིན་ནོ། །ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། །ནང་གི་དྲི་མ་ནི་འདི་ལྟར་སེམས་དྲི་མ་ཅན་དུ་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ནང་གི་འགྲན་ཟླ་དང་བཅས་པ་ནི་འདི་ལྟར་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་བགེགས་བྱེད་པས་སོ། །ནང་གི་ཕྱིར་རྒོལ་བ་ནི་འདི་ལྟར་དགེ་བའི་ཆོས་སྐྱེས་པ་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པས་སོ། །ནང་གི་དགྲ་བོ་ནི་འདི་ལྟར་གང་གིས་ངན་སོང་རྣམས་སུ་ཡུན་རིང་པོར་འགྲོ་བར་འགྱུར་བ་དེ་འདྲ་བའི་ལས་ཀུན་ནས་སློང་བར་བྱེད་པས་སོ། ། |
| Domain | ཆོས་ལུགས། |