32833
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་སྤྱི་སྤུངས་གཞུང་གི་སྒྲུབ་ཐབས་ཉམས་ལེན་གྱི་སྐབས་སུ་བསྒྲུབ་བྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ཅིང་བསྟིམ་གཞིའི་བུམ་པ་ཞིག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཤེལ་དང་བྱི་རུ་ཨིལ་ཏྲ་དང་། གསེར་དང་བཱེ་དུ་རྒྱ་ལས་སོགས། གཙང་ཞིང་དྲི་མ་མེད་པ་རུ། བཅུད་བླུགས་ལས་རྣམས་རྫོགས་པར་བྱས། རྫས་རྣམས་འཚོགས་ཕྱིར་བུམ་པར་བཤད། དེ་བརྟན་(བརྟེན་)ཕྱག་རྒྱའི་དཀྱིལ་འཁོར་རྣམས། བུམ་པ་ཉིད་ལས་(ལ་)རྫོགས་པར་(པ་)ནི། ནང་གི་བུམ་པ་ཡིན་ཞེས་བཤད། ཅེས་གསུངས་པས། དེ་ལ་རྒྱུ་རིན་ཆེན་ཤེལ་སོགས་ལས་གྲུབ་པའི་གཙང་དག་དྲི་མེད་བཅུད་ལྡན་རྟེན་གྱི་བུམ་པ་དེ་ལ་བརྟེན་པ་དཀྱིལ་འཁོར་གང་བསྟུན་གྱི་ཕྱག་རྒྱ་བཞི་ལྡན་གྱི་ཡི་དམ་ལྷའི་དཀྱིལ་འཁོར་རྫོགས་པར་བསྐྱེད་ཅིང་བསྟིམ་པས་ན་ནང་གི་བུམ་པ་ཞེས་སོ། ། |
| Domain | ཆོས་ལུགས། |