32838
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དཔོན་གསས་ལྷ་ལ་བསྙེན་པའི་སྐབས་སུ། དཔོན་གསས་བླ་མའི་ཡོན་ཏན་གྱི་ཁྱད་པར་ལ་དཔེ་དོན་རྟགས་གསུམ་དང་མཚན་ཉིད་ལྡན་པ་བཞི་རུ་བཤད་པའི་མཚན་ཉིད་ལྡན་པ་དེ་ལའང་ཕྱི་ནང་གསང་བའི་མཚན་ཉིད་བཅུའམ་བཅུ་གཅིག་ཡོད་པའི་ནང་གི་མཚན་ཉིད་དང་ལྡན་པ་དེ་ཡིན་ལ། དེའི་དོན་དང་གྲངས་ཀྱི་རྣམ་གྲངས་ནི། གདོད་ནས་ལོག་པའི་ཚོགས་སྤངས་པས་འགྲོ་བ་རྣམས་ཕ་མ་བུ་གཉེན་གྱི་འདུ་ཤེས་ལྡན་པ། སེམས་ལ་ཟོལ་སོག་མ་གྲུབ་པས་བྱང་ཆུབ་སྒྲུབ་པའི་ཤེས་རྒྱུད་ལྡན་པ། བསྙེན་སྒྲུབ་ནུས་པའི་རྟགས་འབྱིན་པ་༼པས་༽མཐུ་དང་བྱིན་རླབས་དབང་དང་ལྡན་པ། འགྲོ་བའི་རྟེན་གནས་ཡིན་པས་དགོས་འདོད་ཀུན་འབྱུང་གི་ཡོན་ཏན་ལྡན་པ་དང་བཞི་རུ་བཤད་དོ། ། |
| Domain | ཆོས་ལུགས། |