32839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་མཚན་དཔེ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ནང་གི་མཚན་དཔེ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཕྱི་ནང་གསང་གསུམ་དུ་གསུངས་པའི་ཡ་གྱལ། ནང་གི་མཚན་དང་དཔེ་བྱད་དེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ནང་གི་མཚན་དཔེ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ནི་མཚན་སུམ་ཅུ་རྩ་གཉིས་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་སྟེ། བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །ཞེས་གསུངས།
Domain ཆོས་ལུགས།