32847
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། བྱང་སེམས་སྦྱོར་ལམ་པ་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐབས་ཁྱད་པར་ཅན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། སྟོང་ཉིད་ཀྱི་དོན་ལ་རང་གི་སེམས་མི་སྐྲག་ཅིང་མི་འགོང་བའི་རྒྱུར་གྱུར་པའི་བྱང་སེམས་རང་རྒྱུད་ལ་ཡོད་པའི་ཐབས་མཁས་ཁྱད་པར་ཅན་མི་མཐུན་ཕྱོགས་དང་བྲལ་བ་དེ་ཡིན་ཅིང། ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |