32854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན་ (1)
Part of speech མིང་ཚིག
Definition སྙན་ངག་མེ་ལོང་གི་གཞུང་དུ་བསྟན་པའི་དོན་རྒྱན་སོ་ལྔའི་ཡ་གྱལ་དགུ་བ་སྲིད་པ་ཅན་གྱི་རྒྱན་གྱི་ནང་གསེས་ཤིག་སྟེ། ཚིག་སྦྱོར་གང་དུ་འཇིག་རྟེན་ན་ཡོངས་གྲགས་ཀྱི་རྒྱུ་བཀག་ནས། ནང་གི་རྒྱུའམ་རྐྱེན་ཅུང་ཟད་ལས་གྲུབ་པའི་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པའི་སྒྱུ་རྩལ་མཚོན་ཐབས་ཤིག
Example བོད་མཁས་པས། མ་བཀྲུས་དཀར་བའི་མདངས་འཕྲོག་གཙུག་ཕུད་དང། །མ་བྲིས་གཉེར་མའི་རི་མོ་ཉིན་བཞིན་འཕེལ། ། མ་བསྡུས་པར་ཡང་སེམས་ཀྱི་འཕྲོ་འདུ་ཀུན། །ཅིག་ཅར་འདུས་པའི་ལང་ཚོ་བདག་གིས་ཐོབ། །ལྟ་བུ།
Domain རྩོམ་རིག