32862
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཡི་དམ་རང་རང་གི་གཞུང་དང་བསྟུན་པའི་ནང་གི་ཡོ་བྱད་ཀྱི་རྫས་རྣམས་གང་དགོས་མ་ཚང་བ་མེད་པར་གསོག་ཅིང་སྤྱོད་པའི་དོན་ནོ། །དེ་ལ་དབྱེ་ན། གཤེན་རབ་དབུ་ཡི་རྒྱན་དུ་བསྙེན་པ། བདུད་འདུལ་དཔའ་བོའི་ཆས་སུ་བསྙེན་པ། སྐུ་རྒྱན་ལོངས་སྤྱོད་ན་བཟའ་བསྙེན་པ། མཛེས་བརྗིད་སྒེག་པའི་ཆས་སུ་བསྙེན་པ། དཔོན་གསས་ལྷའི་ཆས་སུ་བསྙེན་པ། རིགས་ཀྱི་རྒྱན་རྟགས་ཆས་སུ་བསྙེན་པ། ཐུགས་དམ་བསྐུལ་བའི་ཕྱག་ཆར་བསྙེན་པ། ཐུགས་དམ་གྲངས་ཀྱི་ཕྲེང་བར་བསྙེན་པ། དཀྱིལ་འཁོར་ལྷ་ཡི་རྒྱན་དུ་བསྙེན་པ་དང་དགུ་རུ་གསུངས་སོ། །དེ་རྣམས་ལ་ཡང་ཉེ་བ་ནང་གི་བསྙེན་པ་ཞེས་སོ། ། |
| Domain | ཆོས་ལུགས། |