32872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་སེམས་དཔའ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ནང་གི་སེམས་དཔའ་བཞི་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་སྟེ་ས་ཡི་སྙིང་པོ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་སྟེ་ཕྱག་ན་རྡོ་རྗེ། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་སྟེ་ནམ་མཁའི་སྙིང་པོ། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་སྟེ་སྤྱན་རས་གཟིགས་སོ། །མཚན་གྱི་རྣམ་གྲངས་ལ་རིམ་བཞིན། སྤྱན་གྱི་ཐུགས་ཀྱི་མཆོག་དང་། སྙན་གྱི་ཐུགས་ཀྱི་མཆོག་དང་། ཤངས་ཀྱི་ཐུགས་ཀྱི་མཆོག་དང་། ལྗགས་ཀྱི་ཐུགས་ཀྱི་མཆོག་ཅེས་སུའང་གྲགས། འདི་དག་ལ་དབང་ཤེས་ཀྱི་སེམས་དཔའ་བཞི་ཞེས་ཀྱང་གསུངས།
Domain ཆོས་ལུགས།