32878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། ནང་གི་སྡེ་བརྒྱད་ནི། ཡབ་གཅིག་བདུད་རྗེ་ནག་པོ་དང་། བཙན་རྒྱལ་ཡམ་ཤུད་དམར་པོ། ཡུལ་ལྷ་ཕྱྭ་སངས་ཀླུ་སྲས། སྲོག་བདག་རྒྱལ་པོ་སྙིང་འབྱིན། ཆོས་སྐྱོང་གནོད་སྦྱིན་དམར་པོ། ལྷ་མོ་འཇིགས་པའི་གློག་འབྱིན། དགེ་བསྙེན་རྡོ་རྗེ་ལེགས་པ། དཀར་མོ་ཉི་ཟླ་ཐོད་ཕྲེང་བཅས་བརྒྱད་དེ། སྡེ་བརྒྱད་བཅོས་ཐབས་ལས། ཡབ་གཅིག་བདུད་རྗེ་ནག་པོ་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱྭ་སངས་ཀླུ་སྲས་དང་། །སྲོག་བདག་རྒྱལ་པོ་སྙིང་འབྱིན་དང་། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །ལྷ་མོ་འཇིགས་པའི་གློག་འབྱིན་དང་། །དགེ་བསྙེན་རྡོ་རྗེ་ལེགས་པ་དང་། །དཀར་མོ་ཉི་ཟླ་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །ཞེས་གསུངས། |
| Domain | ཆོས་ལུགས། |