3289
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ལ་རང་བྱུང་དང་བཟོས་མ་གཉིས་ཡོད། རང་བྱུང་ལ་དམར་ནག་གཉིས་ཡོད། རྡོག་ཆེ་ཆུང་ངེས་པ་མེད་ཅིང་ཁ་དོག་དམར་སྨུག་གམ། དམར་ཁམ་ཕལ་ཆེར་ངོ་བོ་ལྕི་ཞིང་མཁྲེགས་ལ་ཁྲོབ་པ་བཅག་ཁ་དམར་སྨུག་འོད་དང་ལྡན་པ། ཕྱེ་མར་བཏུལ་བས་ཕལ་ཆེར་སྐྱ་དཀར་དུ་འགྲོ་བ་དང་། ཆུར་འཇུ་སླ་ཞིང་མྱང་ན་ལན་ཚྭའི་རོ་དང་རྭ་གཞོབ་ཀྱི་དྲིའམ་རུལ་དྲི་ལྟ་བུ་མནམ་པ་སྟེ། གང་ཡིན་ཡང་སྣ་ཅོང་ཞི་འདྲ་ལ་འོད་དང་ལྡན་ཞིང་རོ་ཚ་ལ་རྭ་གཞོབ་བྲོ་བ་ཡིན། དམར་པོ་ལ་འདྲ་ཡིག་ཏུ། ཁ་རུ་ཚྭ་ནི་མེ་རྡོ་བཅག་པ་འདྲ། །ནག་གམ་དམར་ལ་རྭ་གཞོབ་དྲི་མ་བྲོ། །ཞེས་དང༌། ནག་པོ་ལ། འདྲ་དཔེར། ཁ་རུ་ཚྭ་ནི་ཅོང་ཞི་ནག་པོ་འདྲ། །ཞེས་སོ། །བཟོས་མ་ནི་ཚྭ་བཟོ་ལས་བཤད་པ་ལྟར་བཟོས་པ་སྟེ་ཚྭའི་རྒྱུ་དང་བཟོ་ཁྱད་ལ་དབྱིབས་མ་ངེས། རོ་སྔ་མ་འདྲ་ལ་རིགས་གཉིས་ཡོད། ཕན་ནུས་ནི། ཁ་རུ་ཚྭ་ཡིས་དྲོད་སྐྱེད་སྦོས་པ་དང༌། །སྒྲེགས་དང་འགྱིང་འཁྲོག་བད་རླུང་འཇོམས་པར་བྱེད། །ཅེས་པར། ལྕགས་ཕྲེང་ལས། ཁ་རུ་ཚྭ་ནི་དྲོ་ལ་ལྕི་བས་སྣུམ་པ་ཡིན། །ཞེས་དང༌། སྒྲོན་གསལ་ལས། ཁ་རུ་ཚྭ་ནི་སྣུམ་ཞིང་དྲོ་ལ་ཚ། །སྟོད་ཀྱི་བད་ཀན་སྨད་ཀྱི་རླུང་ནད་འཇོམས། །གཟེར་དང་ཟུག་དང་ལུས་ལྕི་རྟུག་སྐམ་དང༌། བཤང་འགགས་ལྟོ་སྦོས་སེལ་ཞིང་མེ་དྲོད་སྐྱེད། །ཅེས་དང༌། རང་བྱུང་པས། ཁ་རུ་ཚྭ་ནི་དྲོད་ཀྱི་གཙོ། །རྒྱུ་ལོང་ཚད་སེལ་ངོ་མཚར་ཆེ། །ཞེས་གསུངས། མིང་གི་རྣམ་གྲངས་ལ་བི་ཊཾ་ངོ་དང༌། མ་ལོ་ཎ། སྨིན་ཚྭ། རུ་ཚྭ་ཀ་བཅས་སོ། ། |