32891
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁམས་ཕྱོགས་ཀྱི་ས་ཁུལ་ཞིག་གི་མིང་སྟེ། ནང་ཆེན་ཞེས་པའི་དོན་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཏྲེ་ཧོར་ཆོས་ཀྱི་རྒྱལ་མཚན་ལ་བྱང་ཆུབ་སེམས་དཔའི་གདུང་འཛིན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དཔལ་ལྡན་ས་སྐྱའི་ནང་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་འཇའ་ས་བསྒྲགས་ཤིང་། ཆེན་པོར་འོས་པའི་ལས་ཚན་ཞིག་གིས་གཟེངས་བསྟོད་གནང་བ་ལ། འབྲུ་རྗེ་ནང་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་གྲགས། དེས་དབང་བསྒྱུར་བྱ་བའི་མངའ་ཁོངས་ལ་ནང་ཆེན་ཞེས་པའི་ས་མིང་ཆགས། སྐབས་དེར་ནང་ཆེན་རྒྱལ་པོས་དབང་བསྒྱུར་བྱས་པའི་མངའ་ཁོངས་ལ། རྒྱལ་པོའི་དབུ་བླ་ཁག་བཞི། ནང་བློན་ཤེལ་སྒོ་གཉིས་སྦྲེལ། བཀའི་མགྲོན་གཉེར་མི་བཞི། ཕྱི་བློན་རོལ་པ་རྐྱ་བདུན། སྒེར་བཙན་དགོན་སྡེ་ཁག་གསུམ། སྒ་པ་རིན་ཆེན་ཚོ་དྲུག རག་ཤུལ་མ་ལག་བཅོ་བརྒྱད། སྒ་སྟོད་ཨ་ཁྲོ་ཚོ་བདུན། ཡུལ་ཤུལ་ལིང་ཚེ་བཅུ་གཉིས། གཡག་ར་ཕ་ཤོག་བཅོ་བརྒྱད། ཉ་མཚོའི་ཕ་སྡེ་ཚོ་དྲུག ལྗང་སྲིབ་བརྒྱ་དཔོན་ཤོག་གཉིས། བྱང་རིགས་རྒྱ་སྡེ་ཁག་གསུམ། དགེ་རྒྱལ་སྟོད་སྨད་བར་གསུམ། འབྲོང་པ་བྱང་རོང་ཁག་བཞི། ནང་སྡེ་ཤོག་ཆེན་བཅོ་བརྒྱད། ཅེས་འབོད་པ་དེ་རྣམས་ཡིན། |