32892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་ཆེན་ཡོངས་འཛིན་སྟོབས་ལྡན་དབང་པོ་ (1)
Part of speech མིང་ཚིག
Definition འདིའི་སྐྱེས་ཡུམ་ནང་ཆེན་སྒར་སེ་རུག་གྲོང་གི་དབུལ་མོ་ཞིག་དང༌། ཡབ་ནང་ཆེན་ཉོབ་རུ་བའི་བརྒྱ་དཔོན་ཚང་གི་ལས་དབང་དར་རྒྱས་ཞེས་པའི་ཟུར་སྲས་སུ་འཁྲུངས། ཆུང་དུས་ནང་ཆེན་པད་སྤུངས་ཆེན་མོའི་སྐོར་ལམ་དང༌། འཁོར་ཁང་ནང་སོགས་སུ་སློང་མོའི་སྒོ་ནས་འཚོ་བ་བསྐྱལ། སྐབས་དེར་ཨ་མདོའི་བྱ་བྲལ་བཟང་པོ་ཞིག་གིས་བུ་འདི་དགོན་པ་འདིའི་གདུགས་ལྟ་བུ་ཞིག་འོང་བར་འདུག རྗེས་སུ་མ་སྨད་གཉིས་སློང་ཟས་ཀྱིས་འཚོ་མི་དགོས་པ་འོང་ཞེས་ལུང་བསྟན་པར་གྲགས། ནར་སོན་ནས་ནང་ཆེན་ཚེས་བཅུ་སྒར་བཤད་སྒྲུབ་ཆོས་འཁོར་གླིང་གི་གྲྭ་པ་མཛད་ཅིང༌། སློབ་གཉེར་མཐར་ཕྱིན་གནང༌། དེལ་ཡག་ཟླ་སྤྲུལ་ལས་རྟོགས་ལྡན་ཤེར་བློ་དང་ལྷན་ཅིག་བསྙེན་པར་རྫོགས། བར་སྐབས་ཤིག་ལ་མ་ཡུམ་དང་མཉམ་དུ་དབུས་སུ་ཕེབས་ནས་གནས་དགོན་ཕལ་ཆེར་མཇལ། སླར་འཁོར་རྗེས་དགོན་པའི་དབུ་མཛད་ཆེན་མོའི་འགན་བཞེས། སྒྲུབ་བླ་བསྟན་པའི་རྒྱལ་མཚན། རྣམ་རྒྱལ་བརྟན་པ། ཁམས་སྤྲུལ་བསྟན་པའི་ཉི་མ། བྱམས་མེ་ཆོས་དཔལ་སོགས་ལས་དབང་དང་གདམས་ངག་མང་ཙམ་གསན། གཙོ་བོར་གྲུབ་དབང་ཤཱཀྱ་ཤྲཱི་ལས་ཕྱག་ཆོས་ཀྱི་ཉམས་ཁྲིད་གསན་ཏེ། སྐུ་ཚེ་སྒྲུབ་ལ་བསྐྱལ། རླུང་ཐུན་དང་འཁྲུལ་འཁོར་ཕལ་ཆེར་ཉིན་གཅིག་ཀྱང་ཆག་མྱོང་མེད་པར་གྲགས། རླུང་གི་དྲོད་རྟགས་ཀྱང་ཚོགས་གྲལ་གྱི་སྟོད་རྣམས་ཚ་ལྷང་ངེར་འགྲོ་བ་ཙམ་ཡོད་པར་བཤད། དབེན་གནས་ཁྲ་ཆེན་གྱི་ཡང་དབེན་རྫ་རྒྱབ་ཏུ་ཡུན་རིང་བཞུགས་པས་ད་ལྟའང་སྟོབས་ལྡན་སྒྲུབ་ཕུག་ཏུ་གྲགས་པ་ཡོད། དབུ་སྔས་ལ་མི་འཇོག་པ་དང་བསྙེན་ཚད་སོགས་ཀྱི་གྲངས་ཕལ་པའི་བློ་ལས་འགོང་བ་མཆིས། ཕྱག་རྒྱ་ཆེན་པོའི་སྒོམ་རོ་གཅིག་གི་རྟོགས་པ་མངོན་དུ་གྱུར་ནས་སྣང་སེམས་དབྱེར་མེད་དུ་འདྲེས་པར་གྲགས། ཕྱིས་འཁྲུལ་ཞིག་བརྒྱད་པ་ཨ་ལྡེའུ་གྲུབ་རིགས་ཁྱུ་མཆོག་གི་ཡོངས་འཛིན་དུ་བཞུགས་ཏེ། རྒྱུད་སྡེའི་སྒྲུབ་དཀྱིལ་ཁག་གི་ཕྱག་ལེན་དང་ཁྲིད་སོགས་ཕལ་ཆེར་རྗེ་འདི་པའི་ཞལ་རྒྱུན་ཡིན། སྐུ་གཤེགས་ཁར་རྟོགས་ལྡན་ཤེར་བློ་སོགས་ལ་གཤེགས་རན་ཚུལ་གསལ་པོ་གསུངས་ཤིང༌། བཀའ་བརྒྱུད་བླ་མ་དང༌། ཡི་དམ་འཁོར་ལོ་སྡོམ་པ་སོགས་བསུ་མར་བྱོན་པའི་གསུང་འཕྲོས་བཅས། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ ༡༩༥༠ ལོའི་ཟླ་བ་གསུམ་པའི་གནམ་སྟོང་ཐོ་རངས་ལ་འོག་མིན་དུ་གཤེགས་སོ། །

{{#arraymap:ནང་ཆེན་ཡོངས་འཛིན་སྟོབས་ལྡན་དབང་པོ་

|; |@@@ | | }}