32894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་ཆེན་སྒར་ (1)
Part of speech མིང་ཚིག
Definition ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐུ་དུས་སུ། གསང་རྫོང་དུ་མེ་དགྲའི་གནོད་པར་བརྟེན་སྐུ་ངོས་རྣམས་དང་ལས་ཟོག་རྟེན་གསུམ་ཤེ་བམ་སོགས་འགངས་ཆེན་རིགས་ཁ་ཤས་ལས། རྫོང་དང་རྒྱུ་ནོར་ཐམས་ཅད་ཞུགས་ཀྱིས་ཟིན། མེ་ཡི་མ་གོས་པ་ཐུབ་པ་མེ་ཐུབ་མ། ཏྲེ་བོའི་ཁྲི་དམར། ཕྱག་རྔ་གསང་བ་ལྷ་འབོད། རྗེ་བཙུན་མི་ལའི་མགུར་འབུམ། གསེར་བཟའི་ཇོ་འཁོར་རྣམས་ལོ་རབས་ལྔ་བཅུ་པའི་སྐབས་སུའང་དངོས་སུ་མཇལ་རྒྱུ་ཡོད། དེ་ནས་རེ་ཞིག་སྦྲ་གུར་ལ་བརྟེན་ཅིང་ཕྱིས་སུ་དཔལ་གཞུང་གཡེར་ཆེན་མདའ་རུ་སྦྲ་དང་ཕྱིང་གུར་ཕུབ་ནས་བཞུགས་པས་ནང་ཆེན་སྒར་ཞེས་ཐོགས། རབ་བྱུང་གཉིས་པའི་ཤིང་འབྲུག་ཕྱི་ལོ་ ༡༧༢༤ ལོར་བཀྲ་ཤིས་འཁྱིལ་སྐེད་ལ་ད་ལྟ་ནང་ཆེན་ཚང་ཡོད་ས་འདི་ཡིན་སྒར་སྤོས་པ་ཡིན།