32915

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་དོན་ (1)
Part of speech མིང་ཚིག
Definition དཔེ་དེབ་དང་རྩོམ་ཡིག་སོགས་ཀྱི་བརྗོད་བྱའི་དོན་ཏེ།
Example རྩོམ་ཡིག་དེའི་ནང་དོན་ཧ་ཅང་ལེགས། སྐད་ཆའི་ནང་དོན་མདོར་བསྡུ་ན་ལྟ་བུ།
ནང་དོན་ (2)
Part of speech མིང་ཚིག
Definition རྒྱལ་ཁབ་བམ་ཁྱིམ་ཚང་སོ་སོའི་ནང་སྲིད་ཀྱི་ལས་དོན་ཏེ།
Example ཕྱི་འབྲེལ་གྱི་ལས་ཀ་ཙམ་མ་ཟད་ནང་དོན་ཡང་འཐུས་ཤོར་མ་གཏོང་ལྟ་བུ།
ནང་དོན་ (3)
Part of speech མིང་ཚིག
Definition སྐབས་འགར་དོན་དམ་དུའམ། དོན་དངོས་ལ་ཞེས་པའི་དོན་སྟོན་བྱེད་དུའང་འཇུག་སྟེ།
Example ནང་དོན་ལ་སྔ་ས་ནས་གཏན་འཁེལ་བྱས་ཡོད་ཀྱང་མི་མང་ལ་རྗེས་སུ་མ་གཏོགས་གསལ་བསྒྲགས་བྱས་མེད་ལྟ་བུ།
ནང་དོན་ (4)
Part of speech མིང་ཚིག
Definition གཟུགས་དང་ཤེས་གཉིས་སུ་ཕྱེ་བའི་སེམས་ཕྱོགས་ཀྱི་ཆོས་ལ་ཟེར།