From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནང་ཕྲད་ (1)
| Part of speech
|
མིང་ཚིག
|
| Definition
|
ནང་ཚགས་ཀྱི་སྒོ་ནས་ཕན་ཚུན་ཐུག་ཕྲད་ཀྱི་དོན་ཏེ།
|
| Example
|
ངེད་གཉིས་ནང་ཕྲད་བྱས་ཏེ་བཀའ་མོལ་ཞུས་ལྟ་བུ།
|
ནང་ཕྲད་ (2)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་བརྡ་སྤྲོད་རྟགས་ཀྱི་འཇུག་པའི་གཞུང་དུ། མིང་གཞི་དང་སྔོན་རྗེས་སོགས་ཀྱི་ཕོ་མོ་མ་ནིང་གི་རྟགས་གཅིག་ཅན་ཕན་ཚུན་ཕྲད་པའི་དོན་ཏེ།
|
| Example
|
བཀད་ལྟ་བུ་སྔོན་འཇུག་དང་། མིང་གཞི། རྗེས་འཇུག་གསུམ་ག་ཕོ་་ཡིག་ནང་ཕྲད་ཡིན་པ་ལྟ་བུ།
|
ནང་ཕྲད་ (3)
| Part of speech
|
མིང་ཚིག
|
| Definition
|
ནག་རྩིས་སམ་འབྱུང་རྩིས་ཀྱི་སྐབས་སུ་གཟའ་སྐར་ཁམས་ཀྱི་འཕྲོད་སྦྱོར་ལྟ་སྟངས་ལ། ས་གཉིས་སོགས་ཕྲད་པར་ནང་ཕྲད་ཅེས་ཟེར།
|
| Example
|
ཆུ་གཉིས་ནང་ཕྲད་བདུད་རྩི་སྦྱོར། །ཚེ་སྟོབས་འཕེལ་བས་ཚེ་ཆོག་དགེ ། ལྟ་བུ།
|