32945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་བའི་བྱེད་རྩིས་ཀྱི་རྩིས་འགོ་ (1)
Part of speech མིང་ཚིག
Definition ཀླ་ཀློའི་བྱེད་རྩིས་ཀྱི་རྗེས་སུ་མི་ལོ་ ༡༨༢ བགྲང་བ་མེ་ཕོ་ཁྱིའམ་ཕྱི་ལོ་ ༨༠༥ པའི་ལོར་རྩིས་འགོ་ཟུག་པར་འདོད་ལ། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་འདས་མི་ཟད་མེ་ཁྱིའི་ལོར། །རྒྱལ་དཀའ་རྒྱལ་སར་ཕེབས་པ་དང་། །རང་ལུགས་བྱེད་པའི་རྩིས་འགོ་ཟུག ། ཅེས་དང་། དེའི་རྣམ་འགྲེལ་གསེར་ཤིང་ལས། རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད་བརྒྱ་གྱ་གཉིས་པ་དེ་འདས་པའི་འོག་མི་ཟད་པ་མེ་ཕོ་ཁྱིའི་ལོར་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་རྒྱལ་སར་ཕེབས་མ་ཐག་པར་སྟོན་པས་མ་འོངས་ལུང་བསྟན་པ་ལྟར། དུས་དེར་ད་ལྟ་བའི་ཚུལ་གྱི་ཕྱག་ལེན་ལ་བཏབ་ནས་རང་ལུགས་ཀྱི་ཉུང་ངུའི་བྱེད་པ་འདི་སྦྱོར་བར་མཛད་པས་རྩིས་འགོ་ཐོག་མར་ཟུག ། དེ་ནས་བརྩམས་ཏེ་རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་གི་བར་དུ་ཆོས་བསྟན་པ་རྫོགས་པའི་ལོ་མཐའ་ནི་ཟད་པ་མེ་སྟག་གི་ལོ་ཡིན་ནོ། །ཞེས་བྱུང་བ་དང་། དུས་འཁོར་བསྡུས་རྒྱུད་ལས། དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར། །ཞེས་བྱུང་། །
Domain རྩིས་རིག