33000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་ཡན་པ་ (1)
Part of speech མིང་ཚིག
Definition ནང་གི་སེམས་ལྷོད་ཡེངས་སམ། དྲན་ཤེས་མེད་པར་གུ་ཡངས་བྱེད་མཁན་ཏེ།
Example སེམས་ནང་ཡན་པ། མི་ནང་ཡན་པ་དེས་སློབ་སྦྱོང་ཡག་པོ་མ་བྱས་ལྟ་བུ།
ནང་ཡན་པ་ (2)
Part of speech མིང་ཚིག
Definition ནང་གི་གནས་ཚུལ་ལམ་གསང་བ་ཕྱིར་སྐྱེལ་མཁན་གྱི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ནང་ཡན་མཁན་དང་བྱ་གཏོང་མཁན། ནང་གཏམ་ཕྱི་ལ་སྐྱེལ་མཁན་མིང། ཞེས་གསུངས་པ་ལྟར་རོ། །
ནང་ཡན་པ་ (3)
Part of speech མིང་ཚིག
Definition གཞན་གྱི་ཁྱིམ་དུ་གཡོག་ལས་བྱེད་མཁན་གྱི་མིའི་མིང་།
Type བརྡ་རྙིང་།