33002

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་རབ་ཏུ་དང་བ་ (1)
Part of speech མིང་ཚིག
Definition བསམ་གཏན་གཉིས་པའི་གཉེན་པོའི་ཡན་ལག་སྟེ། བསམ་གཏན་གཉིས་པ་ཐོབ་པའི་ཕྱིར་མཉམ་པར་གཞག་པའི་ས་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པ་སྐྱེས་པས་རབ་ཏུ་དང་བའི་དད་པ་ཡིན་ལ། དེ་ཡང་རྟོག་པ་དང་དཔྱོད་པའི་འཁྲུག་པ་དང་བྲལ་བས་རྒྱུད་རབ་ཏུ་ཞི་བར་གྱུར་པ་ནི་ནང་རབ་ཏུ་དང་བ་ཡིན་ཏེ། རྟོག་པ་དང་དཔྱོད་པས་དཀྲུགས་པའི་རྒྱུད་ནི་ཆུ་བོ་དབའ་རླབས་དང་བཅས་པ་བཞིན་དུ་མ་དང་བ་ཡིན་ནོ། །
Domain ཆོས་ལུགས།