33039

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་ཤེས་བྱེད་ཀྱི་རྒྱུ་ (1)
Part of speech མིང་ཚིག
Definition སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་ཡ་གྱལ་རྒྱུའི་རྒྱན་གྱི་ནང་གསེས་ཤིག་སྟེ། ཚིག་སྦྱོར་གང་དུ་ཤེས་བྱེད་ཀྱི་རྒྱུ། ནང་གི་གཟུགས་སམ་རྟེན་བཅས་ཀྱི་ལུས་དབང་གིས་གནས་སྐབས་གང་མཚོན་པ་བརྟགས་ཤིང་དཔྱད་དེ་རྗེས་སུ་དཔག་པའི་རྒྱུ་བརྗོད་པ་དེ་ལ་བརྟེན་ནས། ཤེས་བྱ་ནང་སེམས་ཀྱི་འདུ་ཤེས་འཛིན་སྟངས་གང་ཡིན་པའི་འབྲས་བུ་དེ་གོ་བར་བྱེད་པའི་ཚིག་གི་བརྗོད་ཚུལ་ཡིད་དུ་འོང་བའི་ཉམས་དང་ལྡན་པ་ཞིག་ལ་ཟེར།
Example རྒྱལ་དབང་ལྔ་བས། ཤེས་བྱའི་གཞུང་གི་དཀའ་བའི་གནས་རྣམས་དག། །མཐོང་ཚེ་འཛུམ་དང་བཅས་ཏེ་ལྷུག་པར་སྨྲ། ། ཡོན་ཏན་དྲེགས་པས་འགྱིང་བ་མང་ཚོགས་ཚེ། །འཇིགས་པ་མེད་པར་ཆོས་ཀྱི་ཁྲི་ལ་འགྱིང་། །ལྟ་བུ།
Domain རྩོམ་རིག