33085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་ཀྱི་མཚན་ཉིད་འཇོམས་པའི་སྨན་གྱི་ཡོན་ཏན་བཅུ་བདུན་ (1)
Part of speech མིང་ཚིག
Definition ༡ རྩུབ་པ་ལས་བཟློག་པའི་འཇམ་པ། ༢ ཡང་བ་ལས་བཟློག་པའི་ལྕི་བ། ༣ གྲང་བ་ལས་བཟློག་པའི་དྲོ་བ། ༤ སྐྱ་བ་ལས་བཟློག་པའི་སྣུམ་པ། ༥ གཡོ་བ་ལས་བཟློག་པའི་བརྟན་པ། ༦ དྲོ་བ་ལས་བཟློག་པའི་གྲང་བ། ༧ རྣོ་བ་ལས་བཟློག་པའི་བརྟུལ་བ། ༨ ཚ་བ་ལས་བཟློག་པའི་བསིལ་བ། ༩ སྲ་བ་ལས་བཟློག་པའི་གཉེན་པ། ༡༠ གར་བ་ལས་བཟློག་པའི་སླ་བ། ༡༡ སླ་བ་ལས་བཟློག་པའི་སྐམ་པ། ༡༢ སྣུམ་པ་ལས་བཟློག་པའི་སྐྱ་བ། ༡༣ བསིལ་བ་ལས་བཟློག་པའི་ཚ་བ། ༡༤ ལྕི་བ་ལས་བཟློག་པའི་ཡང་བ། ༡༥ བརྟུལ་བ་ལས་བཟློག་པའི་རྣོ་བ། ༡༦ འཇམ་པ་ལས་བཟློག་པའི་རྩུབ་པ། ༡༧ བརྟན་པ་ལས་བཟློག་པའི་གཡོ་བ་བཅས་ཀྱིས། རླུང་གི་མཚན་ཉིད་དྲུག མཁྲིས་པའི་མཚན་ཉིད་བདུན། བད་ཀན་གྱི་མཚན་ཉིད་བདུན་ཏེ་ནད་ཀྱི་མཚན་ཉིད་ཟུར་མི་འདྲ་བ་ཉི་ཤུ་འཇོམས་པ་དེའི་ཕྱིར་སྨན་གྱི་ཡོན་ཏན་བཅུ་བདུན་ཞེས་སོ། །
Domain གསོ་རིག