33101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་ཁྲག་ (1)
Part of speech མིང་ཚིག
Definition ནད་པའི་གཟུགས་པོའི་ཁྲག་ངན་ཏེ། ཁ་ཟས་ཀྱི་དྭངས་མ་མ་ཞུ་བ་ལས་བྱུང་བའི་ལུས་ལ་གནོད་པའི་ངན་ཁྲག་རྩ་ལམ་དུ་ཤོར་བའི་མིང་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། མཆིན་གནས་དྭངས་མ་མ་ཞུ་བས། དྭངས་སྙིགས་འདྲེས་པའི་ཁྲག་མང་འཕེལ། ལུས་ལ་གནོད་པའི་ནད་འགྱུར་ཕྱིར། ཁྲག་ངན་ཞེས་སུ་བཤད་པ་ཡིན། ཞེས་གསུངས་པ་ལྟར་རོ། །
Domain གསོ་རིག