33137
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་རང་འགྲེལ་ལས་བྱུང་བ་སྟེ། ནད་ཀྱི་གཞི་ནི། དེ་ལ་ནད་ཀྱི་གཞི་ཞེས་བྱ་བ་ནི་ནད་དུ་གྱུར་པའི་རྒྱུ་དང༌། ནད་དུ་གྱུར་པའི་སྐྱེ་མཆེད་དང༌། ནད་དུ་གྱུར་པའི་རྐྱེན་དང༌། ནད་སློང་བར་བྱེད་པ་དང༌། ནད་དུ་གྱུར་པའི་རྒྱུ་མཚན་དང༌། རྣམ་གྲངས་ཀྱི་མིང་འདི་རྣམས་ལ་ནད་ཀྱི་གཞི་ཞེས་བྱའོ། ། ནད་ཚུལ་སྔར་བྱུང་བ་ནི། ནད་དམིགས་ཤིག་འབྱུང་བར་ནི་གྱུར་ན། ནད་ཅི་ཡིན་པའི་བྱེ་བྲག་མ་ཕྱེད་པས་ནད་ཀྱི་ཚུལ་ཅི་ཡིན་པ་གསལ་བར་ཡང་མི་སྣང༌། ནད་དཀྱེལ་ཡང་མི་ཆེ་བ་དེ་ལྟ་བུ་ལ་ནད་ཚུལ་སྔར་བྱུང་བ་ཞེས་བྱའོ། ། ནད་ཀྱི་ཚུལ་ཕྱེད་པ་ནི། ནད་ཀྱིས་ཐེབས་པའི་ནད་དང༌། ནད་དམིགས་ཀྱི་དངོས་པོ་ཅི་ཡིན་པ་གསལ་བར་ཤེས་པ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་སྟེ། ནད་ཀྱི་དབྱིབས་ཚུལ་ཅི་འདྲ་བ་དང༌། ནད་དམིགས་ཀྱི་ནད་ཀྱི་བྱེ་བྲག་གསལ་བར་མངོན་པ་དང༌། ནད་ཀྱི་རྟགས་དང༌། ནད་ཀྱི་མཚན་ཉིད་དང༌། ནད་ཀྱི་མཚན་མ་ཅི་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པའོ། ། ཟས་སྨན་འཕྲོད་པ་གོམས་པར་བྱེད་པ་ནི། ནད་ཀྱི་རྒྱུ་དང་མི་མཐུན། ནད་ཀྱི་ངོ་བོ་དང་མི་མཐུན་པར་སྨན་དང༌། ཟས་དང༌། གནས་པ་དང༌། སྤྱོད་པ་ལ་སོགས་པ་བསྒྱུར་ཏེ་བྱས་པས་བདེ་བར་ཤེས་པར་འགྱུར་བ་དེ་ནི་ཉམས་སུ་ཕན་ཞིང་བརྟས་པར་བྱེད་པ་ཞེས་བྱ་སྟེ། དེ་ནི་ནད་དང་འཕྲོད་པའི་ཟས་སྨན་གོམས་པ་ཞེས་བྱའོ། ། ནད་དཀྱེལ་དུ་གྱུར་པ་ནི། རླུང་ནད་དམ། མཁྲིས་པའམ། བད་ཀན་ལྟ་བུའི་ནད་ཀྱིས་ཐེབས་པ་དེ་ཆེར་སྐྱེས་པས་ནད་སྔོན་དུ་ན་བར་གྱུར་ཏེ་བདག་ནི་ནད་འདི་ལྟ་བུ་ཞིག་གིས་ཐེབས་ཏེ་ན་ཞིང་འདུག་སྙམ་དུ་ཤེས་པ་ཡིན་ནོ། ། |
| Domain | གསོ་རིག |