33144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་པ་ཡུན་ལོན་རྩིས་ (1)
Part of speech མིང་ཚིག
Definition བོད་ཀྱི་སྐོར་འགོ་བཅོ་ལྔ་ལས་ནང་པ་ཡོ་ཉལ་གྱི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་པའི་ཡུན་རིང་བོར་ན་བའི་ནད་པའི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་བུར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་ལུག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་བུར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེ་དང་པོ་ཡིན་ཞིང་། རྡེའུ་དེས་ནད་བདག་ཐེའུ་གྲེ་བྱས་མ་བྱས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བྱས་པས་བཟང་། ནག་པོ་བྱུང་ན་བྱས་པས་སྟོད་དང་ཕོ་མཚན་ན་ཞིང་གཟེར་འོང་། བཅོས་རིམ་ལ་མ་མོའི་བཟློག་པ་སོགས་བྱ་དགོས། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདི་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེས་སྟོད་དུ་ཚད་རྒྱས་མ་རྒྱས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་རྒྱས་པས་རང་དང་འཁོར་ལ་སྟོད་དུ་ཚད་ནད་མེད། ནག་པོ་བྱུང་ན་རྒྱས་པས་ཚད་ནད་སྟོད་དུ་རྒྱས་ཏེ་ལུས་སྟོད་རོ་ལྟར་ཆགས་ངོ་ཡོད། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་སྨད་དུ་གྲང་ནད་ལྷུང་མ་ལྷུང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ལྷུང་བས་བཟང་། ནག་པོ་བྱུང་ན་ལྷུང་བས་ཀླུ་ནད་དམུ་ཆུ་འོང་། བཅོས་རིམ་ལ་ཆབ་གཏོར་ཀླུ་ཆོག་སོགས་བྱ་དགོས། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བཞི་པ་ཡིན་ཞིང་། རྡེའུ་དེས་སྨྱོ་ནད་མགོ་འཁོར་ཡོང་མི་ཡོང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་ཡོང་བས་བཟང་། ནག་པོ་བྱུང་ན་ཡོང་བས་རྒྱལ་མདོས་དང་ཁྲག་མདོས་བྱ་དགོས། རྩིས་གཞི་དེར་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་པ་ཡིན་ཞིང་། རྡེའུ་དེས་ལྷ་ནད་བྱིང་འཐིབས་འོང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་འོང་བས་རང་དང་འཁོར་ལ་ནད་མི་ཡོང་། ནག་པོ་བྱུང་ན་འོང་བས་ལྷ་གསོལ་ལྷ་ཁྲུས་དང་ལྷ་གསང་གཏོང་དགོས། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་ལྷ་བདུད་སྒབ་འདྲེར་ལངས་མ་ལངས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་ལངས་པས་ནད་ངོ་མེད། ནག་པོ་བྱུང་ན་ལངས་པས་གཙང་མ་དང་ལྷ་མདོས་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་ཁྲག་ནད་དམར་འབྱམས་འབྱུང་མི་འབྱུང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་འབྱུང་བས་དམར་ངོ་ཁྲག་ནད་སོགས་ནད་ངོ་མེད། ནག་པོ་བྱུང་ན་འབྱུང་བས་མ་མོ་ཁྲག་མདོས་དང་དབང་ཕྱུག་ཟོར་མདོས་སོགས་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་སྨད་ན་དམུ་ཆུ་འོང་མི་འོང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་འོང་བས་རང་དང་འཁོར་ལ་སྐྲན་དང་དམུ་ཆུའི་ནང་ངོ་མེད། ནག་པོ་བྱུང་ན་འོང་བས་སྐྲན་དང་དམུ་ཆུའི་ནང་འབྱུང་ཉེན་ཡོད། བཅོས་རིམ་ལ་ཀླུ་ཆོག་སོགས་ཀླུ་བཅོས་སྣ་ཚོགས་བྱ་དགོས། གལ་སྲིད་བརྩི་བྱ་ཤིང་ཕག་ལོ་པ་ཞིག་ཕོ་ལོ་ཉེར་དྲུག་ལ་སོན་དུས་དེར་རྩིས་བསྐོར་པར་ཆ་བཞག་ན། ལོ་རྟགས་ཕག་མོ་ལོ་དང་དབང་ཁམས་ཤིང་བུ་མེ་ཡིན་པས་མེ་ལུག་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡས་བསྐོར་ལ་ལོ་གྲངས་ཉེར་དྲུག་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་ཆུ་སྤྲེལ་ཡིན་པས། ཆུ་སྤྲེལ་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་ཆུ་སྤྲེལ་གྱི་ཡར་གྱི་བཞི་པ་ས་སྦྲུལ་གྱི་སྲོག་ཁམས་མེ་ལ་བརྩི་བྱའི་སོགས་ཁམས་ཆུས་འཐབ་པའི་རྡེའུ་དཀར་བས་ནང་བདག་ཐེའུ་གྲེ་མ་བྱས་པ་ལྟ་བུ་དང་། མར་གྱི་བཞི་པ་ཤིང་ཕག་གི་ལུས་ཁམས་མེ་ལ་བརྩི་བྱའི་ལུས་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་སྟོད་དུ་ཚད་ནད་རྒྱས་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་ཆུ་ཁྱིའི་དབང་ཁམས་ཆུ་ལ་བརྩི་བྱའི་དབང་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་སྨད་དུ་གྲང་ནད་མ་ལྷུང་བ་ལྟ་བུ། མར་གྱི་བཅུ་གཅིག་པ་ཆུ་རྟའི་ཀླུང་ཁམས་ལྕགས་ལ་བརྩི་བྱའི་ཀླུང་ཁམས་མེ་ཡིས་འཐབ་པའི་རྡེའུ་དཀར་བས་སྨྱོ་ནད་མགོ་འཁོར་མི་ཡོང་བ་ལྟ་བུ། ཡར་གྱི་བདུན་པ་མེ་སྟག་གི་སྲོག་ཁམས་ཤིང་ལ་བརྩི་བྱའི་སྲོག་ཁམས་ཆུས་འཐབ་པའི་རྡེའུ་ནག་པས་ལྷ་ནད་བྱིང་འཐིབས་འོང་བ་ལྟ་བུ། མར་གྱི་བདུན་པ་ས་སྟག་གི་ལུས་ཁམས་ས་ལ་བརྩི་བྱའི་ལུས་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་ལྷ་བདུད་སྒབ་འདྲེར་ལངས་པ་ལྟ་བུ། རྩིས་གཞི་ཆུ་སྤྲེལ་གྱི་དབང་ཁམས་ཆུ་ལ་བརྩི་བྱའི་དབང་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་ཁྲག་ནད་དམར་འབྱམས་མི་འབྱུང་བ་ལྟ་བུ། ཡང་རྩིས་གཞི་དེ་ཉིད་ཀྱི་ཀླུང་ཁམས་ཤིང་ལ་བརྩི་བྱའི་ཀླུང་ཁམས་མེ་ཡིས་འཐབ་པའི་རྡེའུ་དཀར་བས་སྨད་ན་དམུ་ཆུ་མི་འོང་བ་ལྟ་བུ། དེ་བཞིན་དུ་ལོ་ཁམས་ཤིང་ཕག་ཡིན་པའི་བརྩི་བྱ་དེ་བུད་མེད་ཡིན་པར་ཆ་བཞག་ན། སྐོར་འགོ་མེ་ལུག་ནས་གཡོན་བསྐོར་ལ་ལོ་གྲངས་ཉེར་དྲུག་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞིར་བཟུང་ཞིང་། རྩིས་གཞི་དེའི་ཡར་བཞི་མར་བཞི་སོགས་ལ་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གོང་མ་ཇི་བཞིན་འཐབ་ནས་བརྟག་དགོས།
Domain རྩིས་རིག

{{#arraymap:ནད་པ་ཡུན་ལོན་རྩིས་

|; |@@@ | | }}