33157

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་བརྒྱ་སྔགས་གཅིག་སྐོར་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་དང་བཅོ་ལྔའི་(༡༨༤༦--༡༩༡༢) ནང་བྱོན་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ནད་བརྒྱ་གྲོལ་བའི་སྔགས་ཀྱི་སྐོར་སློབ་དཔོན་པདྨ་འབྱུང་གནས་སོགས་རིག་འཛིན་བརྒྱུད་པའི་མན་ངག་ལག་ལེན་དང་བཅས་པའི་ནད་སྔགས་ཚན་པ་བཅུ་གཅིག་སྟེ། བཟླས་ཆོག་རྡོ་རྗེའི་གོ་ཁྲབ། ནད་རིགས་ཀུན་ཐུབ་སྔགས་རྒོད་ཆེན་མོ། བྲམ་ཟེའི་སྔགས་རྒོད་བདུད་རྩིའི་ཐིགས་པ། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་མན་ངག་རྦད་བཞི་མ། དགོངས་འདུས་སྔགས་འབུམ་ལས་བྱུང་བའི་ནད་བརྒྱ་སྔགས་གཅིག རྒྱ་གར་དྲག་སྔགས་ཚན་བརྒྱད་པ། ཨ་ཙ་ར་ལྷ་ལེགས་བདུད་རྒྱལ་གྱི་མན་ངག་ལས་ཚོགས་བདུན་པ་གསེར་རིན་མ། ནད་བརྒྱ་སྔགས་གཅིག་ཁྱུང་སྔགས་ཟབ་མོ། ཁྱུང་ནག་དྲག་པོ་གནམ་ལྕགས་ཀྱི་སྤུ་གྲི་ནད་གདོན་ཀུན་འཇོམས་སྒྲུབ་ཐབས། རྟ་མགྲིན་ལས་ཚོགས་ཙཀྲའི་སྔགས་རྒོད། ནད་བརྒྱ་སྔགས་གཅིག་བཅས་བཞུགས།