33183
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཨ་རུ་རྣམ་རྒྱལ་སྟེ། འདིས་ནད་ཀུན་འཇོམས་ཚུལ་ནི། རླུང་ལ། འཇམ་པས་རྩུབ་པ་བཅོམ་པ་ཇི་བཞིན་དུ། །ལྕི་བས་ཡང་བ་དྲོ་བས་གྲང་བ་དང་། །བརྟན་པས་གཡོ་བ་སྣུམ་པས་ཕྲ་བ་དང་། །མཉེན་པས་སྲ་བ་འཇོམས་པའོ། །མཁྲིས་པ་ལ། སྐྱ་བས་སྣུམ་པ་རྟུལ་བས་རྣོ་བ་དང་། །བསིལ་བས་ཚ་བ་ལྕི་བས་ཡང་བ་དང་། །སླ་བས་དྲི་མནམ་སྐམ་པས་འཁྲུ་བ་དང་། །གཤེར་བ་དག་ལ་བཅོམ་པའོ། །བད་ཀན་ལ། སྐྱ་བས་སྣུམ་པ་ཚ་བས་བསིལ་བ་དང་། །ཡང་བས་ལྕི་བ་རྣོ་བས་རྟུལ་བ་དང་། །གཡོ་བས་བརྟན་པ་རྩུབ་པས་འཇམ་པ་དང་། །སྲ་བས་འབྱར་བག་ཅན་ནི་འཇོམས་པའོ། ། |
| Type | མངོན་བརྗོད། |