33184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་འཇོམས་རྡོ་རྗེའི་ཕ་ལམ་གཅིག་ཐུབ་རྒྱལ་པོའི་སྦྱོར་བ་མཛེ་ནད་དྲུང་འབྱིན་ (1)
Part of speech མིང་ཚིག
Definition ནད་འཇོམས་རྡོ་རྗེའི་ཕ་ལམ་གཅིག་ཐུབ་རྒྱལ་པོའི་སྦྱོར་བ་མཛེ་ནད་དྲུང་འབྱིན། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གཅིག་ཐུབ་རྡོ་རྗེའི་ཕ་ལམ་འདི༔ གདང་ལྷ་རྩེ་ཆེན་བུམ་ཐང་བྲག༔ གནམ་སྐས་བྲག་དང་བཞི་རུ་སྦས༔ དབྲི་བསྣན་མེད་པར་འདི་དང་འཕྲད༔ ནད་མ་སོས་ན་ང་ཡིས་བསླུ༔ ཐུགས་ཀྱི་སྲས་དང་ཕྲད་ནས་ཀྱང༔ སྙིགས་མའི་འགྲོ་ལ་ཕན་ཐོགས་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། རྫས་སྦྱོར་ལ་བརྟེན་ནས་གདུག་པ་ཀླུ་ཡི་ནད་འཇོམས་ཚུལ་བསྟན།