33195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་རིགས་བཞི་བརྒྱ་རྩ་བཞི་ (1)
Part of speech མིང་ཚིག
Definition ཀུན་བརྟགས་གདོན་གྱི་ནད་བརྒྱ་རྩ་གཅིག། འཕྲལ་བྱུང་རྐྱེན་གྱི་ནད་བརྒྱ་རྩ་གཅིག། འབྱུུང་འདུས་གཞི་ཡི་ནད་བརྒྱ་རྩ་གཅིག། རང་བཞིན་སྔོན་གྱི་ལས་ཀྱི་ནད་བརྒྱ་རྩ་གཅིག་བཅས་སོ། །
Domain གསོ་རིག
ནད་རིགས་བཞི་བརྒྱ་རྩ་བཞི་ (2)
Part of speech མིང་ཚིག
Definition བརྒྱ་རྩ་གཅིག་ནི་ཀུན་བརྟགས་གདོན་གྱི་ནད། བརྒྱ་རྩ་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད། བརྒྱ་རྩ་གཅིག་ནི་འབྱུང་འདུས་གཞིའི་ནད། བརྒྱ་རྩ་གཅིག་ནི་སྔོན་བྱུང་རང་བཞིན་སྔོན་གྱི་ནད་བཅས་སོ། །
ནད་རིགས་བཞི་བརྒྱ་རྩ་བཞི་ (3)
Part of speech མིང་ཚིག
Definition རླུང་གི་ནད་རིགས་བརྒྱ་དང་གཅིག། མཁྲིས་པའི་ནད་རིགས་བརྒྱ་དང་གཅིག། བད་ཀན་གྱི་ནད་རིགས་བརྒྱ་དང་གཅིག། ལྡན་འདུས་ནད་རིགས་བརྒྱ་དང་གཅིག་བཅས་སོ། །
ནད་རིགས་བཞི་བརྒྱ་རྩ་བཞི་ (4)
Part of speech མིང་ཚིག
Definition ཞེ་སྡང་ལས་མེ། མེ་ལས་མཁྲིས་པ། མཁྲིས་པ་ལས་འབྱུང་བ་བརྒྱ་རྩ་གཅིག། གཏི་མུག་ལས་ས། ས་ལས་བད་ཀན། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག། ཕྲག་དོག་ལས་རླུང༌། རླུང་ལས་གྱུར་པ་བརྒྱ་རྩ་གཅིག། འདོད་ཆགས་ལས་ཆུ། ཆུ་ལས་འདུས་པ། འདུས་པ་ལས་གྱུར་པ་བརྒྱ་རྩ་གཅིག་བཅས་ནད་རིགས་བརྒྱ་རྩ་བཞི་པོ་དེས་འབྱུང་བ་ཆ་མ་སྙོམས་པས་ན་བར་བྱེད་དོ། །