33214
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ན་སོས་གཉན་པ་གསུམ་སྟེ། རྒས་པ་རླུང་ལྷག་པར་ལྡང་བའི་མི་ཡིན་པ། དར་མ་མཁྲིས་ནད་ལྷག་པར་ལྡང་བའི་མི་ཡིན་པ། བྱིས་པ་བད་ཀན་ལྷག་པར་ལྡང་བའི་མི་ཡིན་པའོ། །ཡུལ་ཡིན་པ་གསུམ་སྟེ། ངད་ཅན་གྲང་རླུང་ནད་ལྷག་པར་ལྡང་བའི་ཡུལ་ཡིན་པ། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པ་ལྷག་པར་ལྡང་བའི་ཡུལ་ཡིན་པ། རླན་ཅན་སྣུམ་བག་བད་ཀན་ལྷག་པར་ལྡང་བའི་ཡུལ་ཡིན་པའོ། །ལྡང་བའི་དུས་གསུམ་སྟེ། རླུང་ནད་དུས་བཞིའི་ནང་ནས་དབྱར་དུས་དང་ཉིན་ཞག་གཅིག་གི་ནང་ནས་དགོང་དང་ཐོ་རངས་ལྡང་བ། མཁྲིས་པ་དུས་བཞིའི་ནང་ནས་སྟོན་དུས་དང་ཉིན་ཞག་གཅིག་གི་ནང་ནས་ཉིན་དགུང་མཚན་དགུང་ལྡང་བ། བད་ཀན་དུས་བཞིའི་ནང་ནས་དཔྱིད་དུས་དང་ཉིན་ཞག་གཅིག་གི་ནང་ནས་སྲོད་དང་སྔ་དྲོ་ལྡང་བའོ། ། |
| Domain | གསོ་རིག |