33229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནན་ཏུར་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཁྲིམས་ཀྱི་ཆད་པ་གཅོད་པའི་དོན་ཏེ། འདུལ་བ་ལས་བཤད་པའི་ལྟུང་བ་ཕྱིར་བཅོས་མི་སྤྲོ་བ་ལ་ཆད་ལས་ཀྱི་བྱ་བ་འོག་ཏུ་གཞུག་ཅིང་བཤུང་བའམ་སྨད་པའི་དོན་ཏེ། གཞི་གང་ལ་བྱ་བ། དགེ་འདུན་གང་གིས་བྱ་བ། ཆོ་ག དགོས་པ། སའི་ཁྱད་པར། སྒྲ་དོན་ནོ། །དང་པོ་ནི། གཞི་མ་ཞི་བར་ཤེས་པ་ལ་མཐོང་ཐོས་ཀྱིས་ནན་ཏུར་བྱེད་དོ། །གཉིས་པ་ནི། དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་སོ། །གསུམ་པ་ནི། སྦྱོར་བ་གླེང་དྲན་བཞམས་བསྒོ་སྔོན་དུ་སོང་ནས། དངོས་གཞི་གསོལ་བཞིའི་ལས་དང། མཇུག་གནས་འདིའམ་དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་པའོ། །བཞི་པ་ནི། རྒྱུ་མ་བཏང་བ་ལ་བཤགས་པ་བྱས་ཀྱང་མི་འཆགས་པས་བྱ་བ་ངན་པ་འཕྲོ་གཅོད་པ་དང། ལས་ངན་པ་ལས་བཟློག་ནས་ལམ་དུ་གཞུག་པ་དང། དགེ་སློང་རྣམས་ཡིད་ཆེས་པའི་དགོས་པའོ། །ལྔ་པ་ནི། ནན་ཏུར་གྱི་ནང་ནས་ས་གཞན་ན་གནས་པའི་ཁྱད་པར་ནི་མཉམ་པ་དང་ཁྱད་པར་ཅན་གྱི་སྤྱོད་པ་དོར་བའོ། །དྲུག་པ་ནི། འགྲེལ་བས་འོག་ཏུ་གཞུག་ཅིང་བཤུང་བའི་དོན་གྱིས་ནན་ཏུར་ཞེས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས།
Domain ཆོས་ལུགས།