33230

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནན་ཏུར་གང་ལྟུང་བའི་རྒྱུར་འདྲ་བར་བསྟན་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ནན་ཏུར་གང་ལྟུང་བའི་རྒྱུར་འདྲ་བར་བསྟན་པ་ནི། གཞམ་བསྒོ་སོགས་ཀྱིས་བཟློག་ཀྱང་ད་དུང་ཉེས་པ་ལས་མ་ལོག་ན་མཇུག་ཏུ་ལྷག་མ་བསྐྱེད་པར་རུང་མཐུན་སྦྱར་བར་བྱ་བ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་ནན་ཏུར་གང་ལྟུང་བའི་རྒྱུར་འདྲ་བར་བསྟན་པ་ཡོད་དེ། ཁྱིམ་པ་སུན་འབྱིན་པའི་དགེ་སློང་ལ་དགེ་འདུན་གྱིས་བསྐྲད་པ་ནན་ཏུར་བྱས་པས་སྐུར་བ་འདེབས་པ་དེའི་ཚེ་གཞམ་བསྒོ་སོགས་ཀྱིས་བཟློག་པར་བྱ་ཞིང་། དེས་མ་ལོག་ན་མཇུག་ཏུ་ལྷག་མ་བསྐྱེད་པར་དངོས་སུ་གསུངས་པ་བཞིན་དུ། ཁྱིམ་པ་ལ་བརྙས་ཐབས་བྱེད་པའི་དགེ་སློང་ལ་དགེ་འདུན་གྱིས་ཕྱིར་འགྱེད་ནན་ཏུར་བྱས་པས། དེས་དགེ་འདུན་ལ་སྐུར་བ་འདེབས་པ་དེའི་ཚེ་གཞམ་བསྒོ་སོགས་ཀྱིས་ཟློག་ཀྱང་མ་ལོག་ན་མཇུག་ཏུ་ལྷག་མ་བསྐྱེད་པར་རུང་མཐུན་སྦྱར་བར་བྱ་བ་ཡིན་པའི་ཕྱིར། དེས་བསྡིག་སྨད་གཉིས་ལའང་ཤེས་པར་བྱའོ། །འོ་ན་ཕའི་ལྷག་མ་བཅུ་དྲུག་ཡོད་པར་ཐལ། བཅུ་གསུམ་གྱི་སྟེང་དུ་རུང་མཐུན་སྦྱར་བ་གསུམ་ཡོད་པའི་ཕྱིར། འདོད་ན་བཅུ་གསུམ་དུ་གྲངས་མ་ངེས་པར་ཐལ་ལོ་སྙམ་ན་སྔར་བཞིན་དངོས་བཅས་ཀྱི་དབང་དུ་བྱས་ཞེས་ལན་གདབ་བོ། །ཞེས་གསུངས།
Domain ཆོས་ལུགས།