33231

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནན་ཏུར་གྱི་ངོ་བོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ནན་ཏུར་གྱི་མཚན་ཉིད། མི་འདོད་བཞིན་དུ་ལས་ཀྱིས་ཆད་པ་བཅས་པ་ལ་མཇུག་བཟོད་པ་གསོལ་དགོས་རུང་དུ་ཡོད་པའོ། །རྣམ་བཅད་ནི་མི་འདོད་བཞིན་དུ་ཞེས་པས་ངོ་བོ་ཉིད་འཚོལ་བ་སེལ་ལོ། །ལས་ཀྱིས་ཞེས་པས་ནི། ལས་ཀྱི་ཆོ་ག་མེད་པར་གནས་ཀྱི་བླ་མས་སློབ་མ་ལ་ཆད་པ་ལྔ་བྱ་བར་གསུངས་པ་དེ་དག་སེལ་ལོ། །ཆད་པ་བཅས་ཞེས་པས་གྲངས་སུ་གཞུག་པ་བཞི་སེལ་ལོ། །མཇུག་བཟོད་པ་གསོལ་དགོས་རུང་ཞེས་པས་ནན་ཏུར་གཞན་སྟོབས་ཀྱིས་གྲོལ་བ་ལ་མ་ཁྱབ་པའི་སྐྱོན་སེལ་ལོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།