33232
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ནན་ཏུར་གྱི་ནང་གསེས་མི་འདྲ་བ་རྣམས་སོ་སོར་ཕྱེས་པ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ལ་བཅོ་ལྔ་ཡོད་དེ། བསྡིག་པ་ནན་ཏུར། སྨད་པ་ནན་ཏུར། བསྐྲད་པ་ནན་ཏུར། ཕྱིར་འགྱེད་ནན་ཏུར། མ་མཐོང་བ་གནས་ནས་དབྱུང་བ་ནན་ཏུར། ཕྱིར་མི་འཆོས་པ་གནས་ནས་དབྱུང་བ་ནན་ཏུར། སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བ་ནན་ཏུར། འཐབ་དཀྲོལ་ལ་འབད་པ་མ་ལོག་པ་གནས་ནས་དབྱུང་བ་ནན་ཏུར། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་བ་ཉེ་བར་མ་ཞི་བ་གནས་ནས་དབྱུང་བ་ནན་ཏུར། འཐབ་དཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་གནས་ནས་དབྱུང་བ་ནན་ཏུར། དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་གནས་ནས་དབྱུང་བ་ནན་ཏུར། གསོ་སྦྱོང་བཞག་པའི་ནན་ཏུར། དགག་དབྱེ་བཞག་པའི་ནན་ཏུར། དགེ་ཚུལ་བསྙིལ་བའི་ནན་ཏུར། ལྷུང་བཟེད་ཁ་དབུབ་པའི་ནན་ཏུར་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |