33242

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནན་ཏུར་བཞི་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་བཅུ་བདུན་ལས། ལྟུང་བ་ཕྱིར་བཅོས་ཀྱི་གཞི་བཞིའི་ནང་གསེས། མི་སྤྲོ་བ་ནན་ཏུར་གྱི་ཕྱིར་བཅོས་བྱ་ཚུལ་ཁག་གཅིག་འཐབ་ཀྲོལ་བྱེད་པ་ལ་བྱ་བ་འདི་ཐོངས་ཤིག་མི་གཏོང་ན་གནས་ནས་དབྱུང་ངོ་ཞེས་བསྡིགས་པ་ནན་ཏུར་དང༌། ལྷག་ལྟུང་ཕྱིར་མི་བཅོས་པར་རྒྱུན་དུ་བྱུང་བ་ལ་གང་ཟག་རང་དབང་ཅན་ཡིན་ཀྱང་གཞན་ལ་ཆོས་ཤིག་ཅེས་པ་སྨད་པ་ནན་ཏུར་དང༌། ཁྱིམ་སུན་འབྱིན་པ་གནས་དེ་ནས་ཕྱིར་ཕུད་པ་བསྐྲད་པ་ནན་ཏུར་དང༌། ཁྱིམ་པ་སོགས་ལ་བརྙས་ཐབས་བྱེད་པ་ལ་མཛའ་གཅུགས་ཀྱི་དངོས་པོ་སྤངས་ནས་ཕྱིར་འགྱེད་པ་སྟེ་བཞིའོ། །
Domain ཆོས་ལུགས།