33245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནན་ཏུར་རྗེས་ཀྱི་བྱ་བ་ལ་མདོར་བསྡུས་སྦྱར་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ནན་ཏུར་རྗེས་ཀྱི་བྱ་བ་ལ་མདོར་བསྡུས་སྦྱར་བ་ནི། གནས་ནས་དབྱུང་བ་དེ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་རྗེས་ཀྱི་བྱ་བ་ལ་མདོར་བསྡུས་སྦྱར་བ་ཡོད་དེ། བསྡིག་པ་ནན་ཏུར་བྱས་པས་མ་ལོག་ན་མཇུག་ཏུ་གནས་ནས་དབྱུང་བར་དངོས་སུ་གསུངས་པས། སྨད་པ་ནན་ཏུར་དང་། བསྐྲད་པ་ནན་ཏུར་དང་། ཕྱིར་འགྱེད་ནན་ཏུར་རྣམས་བྱས་པས་བཟློག་ཀྱང་མི་གཏོང་ན་མཇུག་ཏུ་གནས་དབྱུང་བྱ་བ་ཡིན་པའི་ཕྱིར། ཁོ་ན་རེ། གནས་དབྱུང་བཅུ་ཡོད་པར་ཐལ། ལུང་ལས་དངོས་སུ་གསུངས་པ་བདུན་གྱི་སྟེང་དུ་རུང་མཐུན་ནམ་མདོར་བསྡུས་སྦྱར་བ་གསུམ་ཡོད་པའི་ཕྱིར། འདོད་ན། གནས་དབྱུང་བདུན་གྱི་གྲངས་ངེས་བཤད་པ་མི་འཐད་པར་ཐལ་ལོ་ཞེ་ན། མ་ཁྱབ་སྟེ། དེ་ལྟར་གསུངས་པ་དངོས་བཅས་ཀྱི་དབང་དུ་མཛད་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།