33247
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ནན་ཏུར་སྔོན་འགྲོའི་བྱ་བ་ལ་ལྟུང་བ་ཁས་ལེན་པ་སོགས་དགོས་པ་ཡིན་ཏེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ནན་ཏུར་སྔོན་འགྲོའི་བྱ་བ་ལ་མདོར་བསྡུས་སྦྱར་བ་ཡོད་དེ། ཕྱིར་མི་འཆོས་པ་གནས་ནས་དབྱུང་བ་ལ་ལྟུང་བ་ཁས་ལེན་པ་དང་། སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བ་ལ་བཟློག་པ་ལྔ་བྱེད་པ་དང་། འཐབ་ཀྲོལ་ལ་འབད་པ་མ་ལོག་པ་གནས་ནས་དབྱུང་བ་ལ་བསྡིག་པ་ནན་ཏུར་བྱེད་པ་དང་། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་གནས་ནས་དབྱུང་བ་ལ་མངོན་སུམ་བརྒྱད་སྔོན་འགྲོའི་ཆོས་སུ་གསུངས་པ་བཞིན་དུ་གནས་དབྱུང་གཞན་རྣམས་ལ་ཡང་གཞམ་བསྒོ་ལ་སོགས་པའི་བཟློག་པ་སྔོན་འགྲོའི་ཆོས་སུ་རུང་མཐུན་སྦྱར་བར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |