3326
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྙིང་ནད་རིགས་ཤིག་གི་མིང་སྟེ། ཁ་ལེ་ཞེས་པ་ནད་འདི་ཕོག་ཚེ་ཁ་ཡོན་པོར་འགྱུར་བ་དང་ནག་པོ་ནི་ནད་གདུག་པ་ཅན་གྱི་དོན་ཏེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཁ་ལེ་ནག་པོ་ནི། ཁ་ལེ་ཞེས་ནད་འདི་ཕོག་པའི་རྟགས་སུ་ཁ་ཡོན་པོར་འགྱུར་བའི་དོན་དང། ནག་པོ་ཞེས་སྙིང་ནད་བརྒྱད་ཀྱི་ནང་ནས་ནད་འདི་གདུག་ཅིང་ངམ་ནག་པའི་དོན་ནོ། །དེ་ནི་ནད་ཀྱི་རྟགས་དང་འབྲས་བུ་ཉེན་ཆེ་བ་ལ་དགོངས་ནས་བཏགས་པའི་མིང་ཞེས་གསུངས་པ་ལྟར་རོ། ། |