33274

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་ (1)
Part of speech ཚབ་ཚིག
Definition ག་དུས་སམ། གང་གི་དུས་སུ་ཞེས་པའི་དོན་མཚོན་བྱེད་དེ།
Example ས་ཡོམ་ནམ་རྒྱག་ངེས་པ་མེད། དགྲ་དང་ནམ་ཕྲད་མི་ཤེས་ལྟ་བུ།
ནམ་ (1)
Part of speech ཕྲད་ཚིག
Definition འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ནའི་རྗེས་སུ་ནམ་འཐོབ་པ་ཡིན།
Keyword True
Example ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི། སྲོང་བཙན་སྒམ་པོའམ། ཁྲི་སྲོང་ལྡེ་བཙན་ནམ། མངའ་བདག་ཁྲི་རལ་པ་ཅན་ནོ་ལྟ་བུ།
ནམ་ (2)
Part of speech ཕྲད་ཚིག
Definition སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ནའི་རྗེས་སུ་ན་འཐོབ་པ་ཡིན།
Keyword True
Example སྲོང་བཙན་སྒམ་པོའམ། ཁྲིས་སྲོང་ལྡེ་བཙན་ནམ། ཁྲི་རལ་བ་ཅན་བཅས་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་མོ་ལྟ་བུ།
ནམ་ (3)
Part of speech ཕྲད་ཚིག
Definition གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ནའི་རྗེས་སུ་ནམ་འཐོབ་པ་ཡིན།
Keyword True
Example མི་དབང་རྟོགས་བརྗོད་ལས། མདའ་གང་འཕངས་པ་འབེན་ནམ་དམིགས་གཏད་ཀྱི་དངོས་པོ་ལས་གཞན་དུ་མི་འཆོར་བར་འཕང་ནུས་པ་དག་ཀྱང་མཆིས་སོ་ཞེས་སྙེམས་བཞིན་དུ་སྨྲའོ། ཞེས་འབྱུང་བ་ལྟ་བུ།
ནམ་ (4)
Part of speech ཕྲད་ཚིག
Definition དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ནའི་རྗེས་སུ་ནམ་འཐོབ་པ་ཡིན།
Keyword True
Example སྣང་ས་འོད་འབུམ་ལས། ཕ་མས་བུ་མོ་མ་མཇལ་ཡུན་རིང་སོང། །བུ་མོ་སྣང་ས་སྐུ་ཁམས་བདེ་ལགས་སམ་ལྟ་བུ།
ནམ་ (5)
Part of speech ཕྲད་ཚིག
Definition མིང་མཐའ་ནའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་ཕྲད་དམ་སྒྲའི་རྐྱེན་ཞིག
Keyword True
Example མཐོ་དམན་ནམ་བཟང་ཞན། དགེ་སྐྱོན་ནམ་ལེགས་ཉེས་ལྟ་བུ།
ནམ་ (1)
Part of speech མིང་ཚིག
Definition མཚན་མོའི་དུས་ཀྱི་མིང་སྟེ།
Example ནམ་གྱི་ཆ་བར་བ་ལ་གཉིད་ཁུག་ལྟ་བུ།