33277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་གང་ (1)
Part of speech མིང་ཚིག
Definition དམར་ཕྱོགས་རྫོགས་པ་གསུམ་པ་ཟེར། སྐབས་འདིར་ཉི་མ་དང་ཟླ་བ་ལྷན་ཅིག་སྟོང་གྲོགས་སུ་གནས་པས་ན་གནམ་སྟོང་ཞེས་ཀྱང་བྱ་སྟེ། ཟླ་རེའི་ཚེས་སུམ་ཅུ་བ། དུས་འཁོར་ལུགས་སུ་ཟླ་བ་ཀུན་ལ་གནམ་སྟོང་ཡོད་ཀྱང་། རྒྱ་རྩིས་ལ་ཡོད་མེད་མི་ངེས་ཏེ། ཡོད་ན་ཟླ་བ་ཆེ་བ་དང་། མེད་ན་ཟླ་བ་ཆུང་བ་ཟེར། མར་ངོ་ལའང་ཆ་བཅོ་ལྔ་ཡོད་པས་མར་ངོའི་བཅོ་ལྔ་དང་། མར་ངོའི་མཐར་ཐུག་པར་ནག་ཕྱོགས་མཐའ་དང་། མར་ངོའི་ཆ་འགྲིབས་ནས་ཚར་བས་ཟླ་བ་སྟོང་བ་ཟེར། དུས་འདིར་ཉི་མའི་འོད་ཟླ་བའི་ངོས་ལ་རབ་ཏུ་གནས་པས་ན། ཉི་མ་དང་ཟླ་བ་ཡང་དག་འགྲོགས་པའི་དུས་ཞེས་བྱ་བ། ཉི་ཟླ་འགྲོགས་པ་དང་། ཉི་ཟླ་ཕྲད་པ། ཉི་ཟླ་ལྷན་ཅིག་དུས་དང་། ཡང་དག་འགྲོགས་དུས་དང་། ལྷན་ཅིག་གནས་དང་། ལྷན་ཅིག་མཐོང་དང་། ལྷན་ཅིག་བྱེད་ཅེས་སྣ་ཚོགས་པར་གྲགས་སོ། །ཟླ་བ་སྣང་མེད་དུ་གྱུར་པས་མི་མཐོང་ངམ། མཐོང་མེད་ཅེས་ཀྱང་བྱ། འདོད་འཇོའི་བ་མོ་ལས། སྐབས་འདིར་ཟླ་བ་མི་མཐོང་བ་ཉིད་ལ། འགལ་བའི་མཚན་ཉིད་ཀྱིས་ཟླ་བ་མཐོང་ཞེས་སྨོས་པའོ། །