33318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ (1)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རྙིང་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ནི། ཡུམ་ལྔའི་ཡ་གྱལ་ཏེ། དཔལ་གསང་བ་སྙིང་པོ་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རྡོ་རྗེ་ཀུན་ཏུ་བཟང་མོ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། ཞེས་གསུངས།
Domain ཆོས་ལུགས།