33320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ (1)
Part of speech མིང་ཚིག
Definition སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ བ་རིན་ཆེན་བཟང་པོའི་འགྱུར་ཞེས་དང་། སྡེ་དཀར་དུ་དེ་ལྟར་འཁོད་པའི་མཐར་“དཔེ་དངོས་ལ་མཛད་འགྱུར་ཅི་ཡང་མི་འདུག་ཅེས་མཆན་འཁོད། ཡང་ཆོས་ཚན་ ༡༤༩༧ འདི་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་མཚན་བརྗོད་འགྲེལ་ཆེན་གྱི་རྗེས་སུ་འབྲངས་པའི་སྐོར་ཡིན་པར་འཁོད། བསྟན་འགྱུར་རྒྱུད་ངུ་པར་བཞུགས།
ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ (2)
Part of speech མིང་ཚིག
Definition འདིའི་མཛད་འགྱུར་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ བ་རིན་ཆེན་བཟང་པོའི་འགྱུར་ཞེས་དང་། སྡེ་དཀར་དུ་དེ་ལྟར་འཁོད་པའི་མཐར་“དཔེ་དངོས་ལ་མཛད་འགྱུར་ཅི་ཡང་མི་འདུག་ཅེས་མཆན་འཁོད། ཡང་ཆོས་ཚན་ ༡༤༩༧ འདི་བུ་སྟོན་དང་། པེ་ཅིང་པར་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་མཚན་བརྗོད་འགྲེལ་ཆེན་གྱི་རྗེས་སུ་འབྲངས་པའི་སྐོར་ཡིན་པར་འཁོད། བསྟན་འགྱུར་རྒྱུད་ངུ་པར་བཞུགས།