33323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་བཀྲ་ཤིས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ས་སྟག་ཕྱི་ལོ་ ༡༤༥༨ ལོར་ཡབ་ཝང་ནམ་མཁའ་རྒྱལ་མཚན་དང་། ཡུམ་དཔལ་འབྱོར་བཟང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་། ཡབ་མེས་ཀྱི་ཆོས་སྐོར་ལ་བྱང་བར་མཛད། བདག་ཆེན་ཤེས་རབ་རྒྱལ་མཚན་དང་། བདག་ཆེན་བློ་གྲོས་རྒྱལ་མཚན་སོགས་བསྟེན། རྩ་རྒྱུད་བརྟག་གཉིས་སོགས་ལ་སྦྱངས། གདན་ས་ཆེན་པོ་ནས་ཚོགས་ཆོས་རྒྱས་པར་གསུངས། གདུང་རྒྱུད་སྤེལ་ཕྱིར་བཙུན་མོ་གཅིག་ཁབ་ཏུ་བཞེས། རིགས་སྲས་ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་དང་། བདག་ཆེན་ངག་དབང་གྲགས་པ་རྒྱལ་མཚན། འཇམ་དཔལ་གྲགས་པ། འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་བཅས་འཁྲུངས། འདས་ལོ་མི་གསལ། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་དྲུག་པ་ཡིན།