33324
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ས་རྟ་ཕྱི་ལོ་ ༡༣༧༨ ལོར་འཁྲུངས། བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། བླ་ཆེན་རིན་ཆེན་གཞོན་ནུ་དང་། སྤྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་གཉིས་ལས། དུང་མཚོ་རས་པ་ལས་བརྒྱུད་པའི་སེམས་ཁྲིད་ཀྱི་གཏེར་ཆོས་ཀྱི་གདམས་ངག་ཐམས་ཅད་ཞུས། ཉམས་སུ་བླངས། རེ་ཞིག་ཏུ་རྐྱང་གི་ཕུར་གཅོད་ལས་སྒོམ་སྒྲུབ་མཛད། ཕྱག་ཆེན་གྱི་རྟོགས་པ་འཁྲུངས། བསག་མོ་བྲག་ཏུ་སྟན་གཅིག་ཉིད་ཀྱི་སྟེང་དུ་ཏིང་ངེ་འཛིན་ལབ་ཞུགས། རབ་བྱུང་བརྒྱད་པའི་མེ་ཁྱི་ཕྱི་ལོ་ ༡༤༦༦ ལོར་སྐུ་གཤེགས། |