33326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་མཐའ་ཡས་སྐྱེ་མཆེད་ (1)
Part of speech མིང་ཚིག
Definition གཟུགས་མེད་སྐྱེ་མཆེད་མུ་བཞིའི་ནང་གསེས། ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ་ནམ་མཁའ་ནི་མཐའ་ཡས་སོ་སྙམ་དུ་སེམས་པའི་ས་པའོ། །སྙོམས་པར་འཇུག་པ་ལ་སྦྱོར་བའི་དུས་ན་གཟུགས་ཀྱི་འདུ་ཤེས་ལས་འདས་ཏེ། ནམ་མཁའ་མཐའ་ཡས་སོ་སྙམ་པའི་འདུ་ཤེས་འབྱུང་བས་ནམ་མཁའ་མཐའ་ཡས། བསྡུས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང། ཅུང་ཟད་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱང་ཚུལ་འདི་བཞིན་བཤད་དོ། །
Domain ཆོས་ལུགས།